Tibetan Works Research Project of the Shin Buddhist Comprehensive Research Institute, Otani University

マルパ伝/མར་པའི་རྣམ་ཐར།

マルパ伝/མར་པའི་རྣམ་ཐར།

このページでは、ツァンニョン・ヘールカ(གཙང་སྨྱོན་ཧེ་རུ་ཀ་, 1452–1507)著『マルパ翻訳師伝・見有義(སྒྲ་བསྒྱུར་མར་པ་ལོ་ཙཱ་བའི་རྣམ་ཐར་མཐོང་བ་དོན་ཡོད་་)』の電子化テキストをダウンロードすることができます。

提供される電子テキストのテキストコードはUnicodeです。閲覧にはUnicodeに対応したチベット文字フォントが必要です。

入力の底本は大谷大学真宗総合研究所西蔵文献研究班所蔵の木版本(ラサ:བསྟན་རྒྱས་གླིང་蔵版)です。利用の便を考えて、以下の諸本のページ番号を入れています。

  • [1a1]=底本
  • [1]= 《མར་པ་ལོ་ཙཱ་བའི་རྣམ་ཐར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་, 1984.

このテキストは、三宅伸一郎、村田裕美により入力され、井内真帆により校正されました。


テキスト/Text

[1a] [1a1]སྒྲ་བསྒྱུར་མར་པ་ལོ་ཙྪའི་རྣམ་པར་ཐར་པ་མཐོང་བ་དོན་ཡོད་བཞུགས་སོ། །

[1b1]ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི།

སྔོན་སྦྱངས་ཐུགས་བསྐྱེད་སྨོན་ལམ་དུས་བབས་ལྷག་བསམ་གྲུ་གཟིངས་ནང་དུ་ལུས་སྲོག་མ་ཆགས་འགྲོ་དོན་སྦྱོར་བ་མཆོག་གིས་རབ་[1b2]ཞུགས་ནས། །

འཕགས་ནོར་མཐུན་རྐྱེན་ཡོ་བྱད་གཡོར་མོ་བརྩོན་འགྲུས་མཐུན་རླུང་གིས་བསྐྱོད་ཕུ་ལ་ཧ་རི་ལ་སོགས་འཕགས་ཡུལ་ཆུ་གཏེར་གླིང་ཕྱིན་ཏེ། །

ནཱ་རོ་ལ་སོགས་མཆོག་[1b3]གི་མཁས་གྲུབ་གདེང་ཅན་རྒྱལ་པོ་དཔལ་འབར་རྣམས་ལས་དམ་ཆོས་ནོར་བུ་དགོས་འདོད་ཆར་འབབས་བླངས་ནས་ནི། །

བོད་ཡུལ་འཛམ་གླིང་དབུལ་ཕོངས་ཀུན་བསལ་འཕྲལ་ཡུན་ཟག་[1b4]མེད་དགེ་ལ་འགོད་མཛད་དེད་དཔོན་དགེ་དོན་མར་པའི་ཞབས་ལ་གུས་ཕྱག་འཚལ། །

རྡོ་རྗེའི་སྐུ་ཡི་ངལ་དུབ་ཁྱད་བསད་ནས། །

རྒྱ་གར་མཁས་གྲུབ་མཉེས་མཛད་རྒྱལ་ཚབ་འཛིན། །

གངས་[2a1]རིའི་ཁྲོད་འདིར་ཐུབ་བསྟན་རྒྱལ་མཚན་བཙུགས། །

སྒྲ་བསྒྱུར་མར་པའི་སྐུ་ལ་ཕྱག་འཚལ་བསྟོད། །

རྒྱལ་བ་རྣམས་ཀྱི་གསུང་གི་བདུད་རྩི་ནི། །

ཚིག་དོན་མ་ལུས་འཐུངས་[2a2]འབྲས་མངོན་གྱུར་པའི། །

སེང་གེའི་ང་རོས་ལོག་ལྟ་ཐེག་དམན་འཇོམས། །

སྒྲ་བསྒྱུར་མར་པའི་གསུང་ལ་ཕྱག་འཚལ་བསྟོད། །

ཤེས་བྱའི་གནས་ཚུལ་ཇི་ལྟར་ཇི་སྙེད་མཁྱེན། །

བདག་པས་[2a3]གཞན་གཅེས་འགྲོ་ཀུན་བརྩེ་བས་སྐྱོང་། །

མཁྱེན་བརྩེའི་འོད་ཀྱིས་སྐྱེ་རྒུའི་བློ་མུན་སེལ། །

སྒྲ་བསྒྱུར་མར་པའི་ཐུགས་ལ་ཕྱག་འཚལ་བསྟོད། །
…………

…………..ཅེས་པའང་རྗེ་མངའ་བདག་ཆེན་པོའི་རྣམ་ཐར་སྤར་དུ་བསྒྲུབས་པ་ལ་ཤིན་ཏུ་རྗེས་སུ་ཡི་རང་བའི་སྒོ་ནས་སྤར་བྱང་སྨོན་ཆོག་དང་བཅས་པ་འདི་ནི་མགོན་པོ་གང་གི་སྒྲུབ་བརྒྱུད་ཀྱི་རྗེས་སུ་ཞུགས་ཤིང་རྗེས་སུ་སྒྲུབ་པ་ཀརྨ་[91a2]ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་མདོ་སྨད་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་སྦྱར་པ་དགེ་ལེགས་འཕེལ། ། ། །རྗེ་བཙུན་མར་མི་དྭགས་གསུམ་གྱི་རྣམ་གུར་[91a3]གསོལ་འདེབས་བཅས་ཀྱི་སྤར་གཞི་རྣམས་བསྟན་རྒྱས་གླིང་དུ་བཞུགས། ། ། །སརྦ་མངྒ་ལཾ། །

………..このテキストをダウンロードする

PAGETOP
Powered by WordPress & BizVektor Theme by Vektor,Inc. technology.